བཀླགས་གྲངས། 778
ལུགས་ལྡོག་གིས།
རྟེན་ཅིང་འབྲེལ་འབྱུང་གི་ངོ་སོ་ལ་བསམས་ཏེ།
སྟོན་པ་དང་ཀླུ་སྒྲུབ་སོགས་བསྟོད་ན་ཆོག་མོད་ཀྱང་།
ཆོས་ཐམས་ཅད་རྟེན་འབྲེལ་དུ་འདོད་མཁན་ཚོ་ནི།
སྙིང་མེད་སྡར་གཤིས་ཆེ་བ་རྐྱང་རྐྱང་མིན་ན་ཅི།
ལྟོས་མེད་དཔའ་བོ་ཁེར་རྒྱུག་ཅིག་ཡིན་ན།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཟེར་བའི།
མགོ་ཉོག་གི་ཨ་ལོང་དེ་ཚོ་དགོས་དོན་མེད།
ཆོས་རྣམས་རྟེན་འབྲེལ་དུ་སྨྲ་བ་ནི།
སྡར་མ་ཞིག་གིས་གབ་ས་བཙལ་བ་དང་མཚུངས།
མྱི་སེམས་གསོད་པའི་ལག་ཆ་དངོས་མེད་ཅིག་ནི།
རྟེན་ཅིང་འབྲེལ་འབྱུང་གི་ཆོ་ག་ཡིན་ཙ་ན།
ང་ཚོས་ངོ་ལོག་ངེས་པར་བྱ་དགོས་པ་དང་།
ལྟོས་མེད་ཀྱི་འཚོ་བ་ཞིག་རོལ་ཐབས་བྱ།
༢༠༢༥-༢-༡