Back To Top

ཏཱ་ར་ནཱ་ཐ།

བཀླགས་གྲངས། 745

ལུགས་ལྡོག་གིས།

ཏཱ་ར་ནཱ་ཐའམ་སྒྲོལ་བའི་མགོན་པོ།
ཡང་ན། ཀུན་དགའ་སྙིང་པོར་འབོད་པའི།
སྟོད་འགག་ལུགས་ལྡོག་ཏུ་གྱོན་པ་ཁྱོད།
ཇོ་ཇོ་མ་རབས་མ་རབས་ཤིག་རེད།

ད་ལོར་ཁྱོད་ཀྱི་གསང་རྣམ་ཚར་གཅིག་བཏོན་པ་དང་།
ཁ་སང་དེ་རིང་ཁྱོད་ཀྱི་རིན་འབྱུང་སྔོག་གིན་ཡོད།

དད་པའི་ཚོས་པའམ་ཤེས་རབ་འཚོལ་བ་མིན་ཏེ།
གྲོད་ཁོག་གི་ཆེེད་དུ། ལུས་ཤིན་སྦྱང་ཐོབ་པ་ལྟར།
ངལ་བ་བྱས་བྱས་ཏེ་མིག་གཉིས་ལོང་ལ་ཁད་དུ་གྱུར།

བླ་རྒན་མ་རབས་ཁྱོད། གནའ་གནའ་ཞིག་ནས་གོ་མྱོང་ཡང་།
ཡིད་ཆེས་ཀྱི་རྒྱ་མཚོར་ང་རང་རྐྱལ་མ་ཐུབ་མོད།
དོ་ཞག བླ་རྒན་ཁྱོད་ཀྱི་ཉེ་བར་བཅར་ནས།
སེམས་གཏིང་གི་སྐད་ཆ་རྡོག་རྡོག་ཅིག་བཤད་འདོད་པའམ།
ཁ་བཙོག་དང་འབྲེལ་བའི་དྲི་བ་གསུམ་འབུལ་འདོད།

ཏཱ་ར་ནཱ་ཐ་ཟེར་ནས་ཐད་ཀར་འབོད་པ་ནི།
ང་རང་འབྲོག་པ་ཞེ་ས་མི་སྤྱོད་པ་ཞིག་ཡིན་པས།
དགོངས་འཇགས་འཚལ་ལབ་རྒྱུ་ལས་མེད།

ཁྱོད་ད་ལྟར་དངོས་སུ་ཡོད་ན།
ང་རང་ཁྱོད་ཀྱི་བུ་སྐལ་དུ་བརྩི་ཆོག

ཁྱོད་རང་བསོད་ནམས་དམན་པའམ།
ཕྲན་ཆུང་ང་ལས་སྐལ་དམན་པས་ཡིན་ནམ།
ཁ་བརྡ་ལྷོད་པོ་ཞིག་བྱ་རྒྱུའི་གོ་སྐབས་མི་འདུག

ཁྱོད་རང་གིས་ང་མི་ཤེས་ནའང་།
ང་ཁྱོད་ཀྱི་ཡིག་ཚོགས་སུ་འཛུལ་ནས།
ཁྱོད་ཀྱི་བླ་བཙག་པ་མ་ཟད་རྐང་ཡང་འདྲེན་གི་ཡོད།
བླ་བཙག་དང་རྐང་འདྲེན་གཉིས་ང་ལ་བབས་སོང་ན།
ཉེས་པ་དང་སྒྲིབ་པ་ཐམས་ཅད་ཁྱོད་ལ་འོས་འཚམ་རེད་བཞག

༢༠༢༥-༥-༡༤
ངལ་གསོ་བྱེད་སྐབས་སུ་འཁྱུག

2025-05-16 ལུགས་ལྡོག
སྣབས་དང་ཁུ་བ་མ་གཏོགས་མི་ཤེས་ནོ་ཅི་རེེད། ཧ་ཧ།
2025-05-15 ཤེད་བུ།
ཚེ་རིང་རྒྱོ། སྣབས་ལུག།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།