Back To Top

ཐ་སྙད་དེ་ཟུར་འཇོག་བྱེད་རོགས།

བཀླགས་གྲངས། 324

ལུགས་ལྡོག

ཁྱོད་རང་ལ་ང་རྒྱལ་དང་སྤོབས་པ་གང་ཡིན་མི་གསལ་བའི།

ཁ་ཕོ་ཆེན་པོ་ཞིག་གམ་རྩེད་མཚར་གྱི་ཀུ་རེ་ཡོད་ན་འགྲིག

རེད་དེ། ཨ་ཞང་དང་ཨ་ཞང་ཚང་ཞེས་པའི་ཐ་སྙད་དེ་ཟུར་འཇོག་བྱེད་རོགས།


ཁྱོད་རང་འཇིགས་སྐྲག་འཚེར་གསུམ་མི་དགོས་པའི་གནས་སུ།
གན་རྐྱལ་དུ་ཉལ་ཏེ་གཅིན་པ་རང་སྟེང་དུ་གཏོང་བའམ།
མགོ་ཐོག་ན་ཨ་སྔོན་དགུང་ལས་མེད་པའི་ཀི་རིང་འདེབས་ན་ཆོག་ཀྱང་།
ཨ་ཞང་དང་ཨ་ཞང་ཚང་ཞེས་པའི་ཐ་སྙད་དེ་ཟུར་འཇོག་བྱེད་རོགས།

དེ་ནི། ཐོབ་ཐང་དང་འདྲ་མཉམ་གྱིས་སྟོང་བའི།
སྤུན་ཟླ་ཚོས་སྤྱོད་པའི་བརྡ་ཆད་མཚོན་སྟོབས་ཆེ་བ་ཞིག་རེད།

ཁྱོད་ཀྱིས་དར་ཆ་འཕྱར་ན་ཆོག ཁུ་ཚུར་ངོམ་ཡང་རུང་།
ཁྱོད་ཀྱིས་ཐད་ཀར་དམོད་ཚིག་འདེབས་ན་འགྲིག་པས།
ཐ་སྙད་དེ། སྤུན་ཟླ་ཚོའི་ཐོབ་སྐལ་ཡིན་པ་མ་རྗེད་རོགས།

ཁྱོད་རང་སྤྱི་ཚོགས་དྲྭ་ལམ་དང་སྲང་ལམ་དུ་ཕྱིན་ནས།
རང་དབང་དང་ཐོབ་ཐང་། ང་ཚོ་དང་རང་བཙན་ཞེས།
གནམ་སར་མི་ཤོང་བའི་གད་རྒྱངས་ཡིད་ཚིམ་པ་སྒྲོག་ཆོག་པས།
གཞིས་ཀྱི་ཐ་སྙད་ལྐོག་གྱུར་བ་དེ་བྱེས་སུ་ཁྱབ་སྤེལ་མི་བྱེད་རོགས།

ཁྱོད་ལ་ཚོར་བ་བཙན་པོ་དང་ན་ཟུག་དྲག་པོ་ཡོད་ན།
དགྲ་ཟླའི་འདྲ་པར་མེ་ལ་བསྲེག་རྒྱུ་དང་གཅིན་པ་གཏོང་ན་འགྲིག

མདོར་ན། ཁྱོད་རང་ཕྱི་གསལ་ནང་གསལ་ཞིག་ཡིན་སྲིད་ཀྱང་།
ཐ་སྙད་མཚོན་སྟོབས་ཆེ་བ་དང་བརྡ་ཆད་ལྐོག་གྱུར་བ་རྣམས།
ཡུལ་གྱི་གནས་བབ་ལ་གཞིགས་ནས་ཟུར་འཇོག་བྱེད་རོགས།

༢༠༢༥-༥-༢༡
བཙན་བྱོལ་ནང་གི་ཅོལ་ཆུང་སྐོར་ཞིག་གིས་ཡ་མཚན་ཞིག་གོ་མདོག་གིས་ཐ་སྙད་དེ་སྤྱི་བསྒྲགས་བྱེད་ཀྱིན་པ་ཡིད་ལ་མ་བབས་ཏེ་བྲིས།

1
2025-06-06 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།