བཀླགས་གྲངས། 277
__ལུགས་ལྡོག
དུར་ཁྲོད་ནས་རུས་དུམ་ཞིག་རྙེད་པ་དེ།
རྒྱབ་ཁུག་ནང་དུ་བཅུག་ནས་སྡོད་གནས་སུ་ལོག
དཔྱིད་རླུང་གིས་དེད་ཡོང་བའི་ཤྭ་བ་དང་ཡུ་མོའི་ཁྱུ་ནི།
མཐོ་སྒང་གི་ཁ་བ་དང་མཚུངས་པས། ངས་མིག་ཆུ་འབྱིད་བཞིན་དུ།
འདས་ཟིན་པའི་གླེགས་བམ་ཕྱི་སློག་ནང་སློག་གིས་བྲང་ཁར་སྦྱར།
མདུན་ཕྱོགས་ཀྱི་རི་ངོར་རྒྱུ་བའི་སྨིག་རྒྱུ་དེ་ནི།
ལོ་རྒྱུས་ཀྱིས་བསྙད་པའི་ལྷ་སྒྲུང་དང་མཚུངས།
གཅིག་བྱས་ན། ཡིད་ཆེས་ཀྱིས་མ་ཐེག་པའི།
གསང་སྔགས་ཀྱི་གནས་ལུགས་ཕྲ་མོ་དེ་ཡིན་སྲིད།
ཁྱིམ་མཚེས་ཚང་གི་གོས་འཁྲུད་སྒམ་ཆུང་ངུ་བའམ་ངུར་ནས།
གཉུག་མའི་འབྲོང་རྒོད་ཀྱི་རྭ་རྩེ། བདག་གི་ཡིད་ལ་སྐད་ཅིག་གིས་ཤར།
ལབ་རྒྱུ་གླེང་རྒྱུ་མེད་པའི་མནའ་མ་ཚིལ་དྲེག་ཅན་དང་།
ཚ་གྲང་གི་ཁྲོད་དུ་གྲོང་ངེར་འགྱིང་བའི་རྡོ་རིང་གཉིས་ནི།
བློས་ཐུབ་ཀྱི་སྙིང་ཉེ་ཡིན་པ་གཞི་ནས་ཚོར་གྱིན་ཡོད།
རེད་དེ། བཟང་ངོ་ཤེས་པ་དང་བཀའ་དྲིན་ཞུ་རྒྱུ་འཕྱིས་དྲགས་པས།
ཁ་རོག་གེར་རྩྭ་རྐང་གཅིག་ཁ་ནང་དུ་བཅུག་ནས་ངུ་དགོས་བྱུང་སོང་།
༢༠༢༥-༦-༡༡