Back To Top

ངེས་འབྱུང་ངོ་གཉིས་མ།

བཀླགས་གྲངས། 332

—ལུགས་ལྡོག

ཆོས་མེད་ཆོས་པ་ཞིག་གི་ཟོལ་གྱིས།

ཡ་གི་རི་ཁྲོད་པ་གཤའ་མ་ཚོར་བལྟས་ཙ་ན།

སྙིང་པོས་སྟོང་པའི་ངེས་འབྱུང་ཞིག་ངང་གིས་སྐྱེས།

 

ཤ་མེད་ཤ་བག་ལེབ་ཅིག་ཟ་ཞོར་དུ།

མ་གི་ཁྱིམ་ཚང་ལ་ཡུན་རིང་ཅེར་བ་ན།

རླུང་བུས་ཁྱེར་ཡོང་བའི་རྫིང་དྲི་ཁ་བོ་དེས།

ངེས་འབྱུང་གི་གློ་སྒོ་ཤར་སེ་ཕྱེ་སོང་བ་ཚོར།

 

མར་མེད་ཀྱི་མར་ཁུ་ཕོར་གང་བཏུངས་ནས།

རླངས་འཁོར་སྒེའུ་ཁུང་མེད་པ་དེའི་ཁ་ལོ་བ་བྱས་ནས།

སྒང་གཤོངས་ཐང་གསུམ་དུ་བརྒྱུགས་བརྒྱུགས་མཐར།

དག་ཞིང་དང་དམྱལ་ཁམས་ཀྱི་སྒོ་མོ་གཉིས་ཀ་གཏན་ཟིན་པས།

བར་དོ་རུ་སྒྱེད་རྡོ་བཙུགས་ནས་གཞིས་ཆགས་རྒྱུའི་སེམས་ཐག་བཅད།

 

ཨ་ཙི་ཨ་ཙི།

འདྲེ་ཤིག་ཡིན་ནམ་གྲོག་མ་ཡིན།

རླིག་རྐུབ་ཚ་བེར་སེ་བཏང་སོང་ཡ།

༢༠༢༥-༦-༡༨

2025-06-20 ཤེད་བུ།
ཧཧཧ  ཙི་གུ་ཡིན་རྒྱུ་རེད་ཀོ

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།