Back To Top

བགྱེད་བྱའི་མི།

བཀླགས་གྲངས། 361

—ལུགས་ལྡོག

མི་དང་མིའི་བར་ལ་འབྲེལ་བ་བྱ་དགོས་པ་ལྟར།

བར་ཐག་གཞག་དགོས་པའི་མིའང་མི་ཉུང་བ་ཞིག་འདུག་ཨང་།

 

སྡིག་ཅན་ཡིན་པའི་རྭ་ཅོ་ཐོགས་པ་ཞིག་འབྱུང་མི་སྲིད་ཀྱང་།

གཅེས་ཤིང་ཕན་པའི་ཟོལ་གྱིས་ཉེ་བར་བཅར་ཡོང་བའི།

ཁེ་ཕན་ཁེ་བཟང་གི་རང་དོན་ཁོ་ན་གཉེར་མཁན་ཚོ་དང་བགྱེད་དགོས།

 

ཆོལ་ཁ་དང་ཆོས་བརྒྱུད་གང་གི་སྤྱི་འཐུས་ཡིན་ན། 

ལམ་ཁར་འཕྲད་ན་གཡོལ་ཅི་ཐུབ་བྱེད་པའི་དུས་ཚོད་ཅིག་རེད་བསམ།

 

ཡོས་ཁྲོབ་པ(YouTuber)་ཅོལ་ཆུང་ཚོ་དང་འཕྲད་ན།

མགྱོགས་པོར་མགྱོགས་པོར་གཡོལ་བའི་དུས་ཚོད་ཅིག་སྟེ།

ཁོ་ཚོ་དང་བར་ཐག་རིང་པོ་གཞག་དགོས་པའི་དུས་ཤིག་ཀྱང་རེད་ཨང་།

 

བོད་སྐད་ཡིག་ལ་ངེས་ཆ་ཆེ་མདོག་བྱེད་མཁན་ནམ།

རང་ཉིད་སྒྲོག་ཐབས་ཀྱི་ཀུ་ཅོ་བར་མེད་དུ་འདོན་མཁན་ཏེ།

ཀྲོག་ཀྲོག་ཀྲོག  མགོ་བོ་བྲེལ་ཟིང་གིས་འདེགས་ཀྱིན་པའི།

གྲྭ་གྲོང་མང་པོ་ཞིག་དང་བགྱེད་རྒྱུའི་དུས་ཚོད་ཅིག་གམ།

ངོ་ཙམ་ཡང་མི་ཤེས་པའི་ཚུལ་བྱ་དགོས་ཚོད་དུ་སླེབ་འདུག་ཡ།

 

མདོར་ན། 

རང་དོན་ཁོག་བཅུག་དང་སྤྱི་ཕན་ཁ་གཡར་གྱི།

རྟོལ་ལེ་དང་ཝ་སྐྱེས་ཚོར་མི་འཕྲད་པའི་རང་ལམ་ཞིག་གམ།

ཁོ་ཚོ་ལ་མཐོང་མི་སྤྲོད་པའི་འགྲོ་སྟངས་ཤིག་མཁོ་ཚོད་རེད་དོ། །

༢༠༢༥-༧-༨

2025-09-02 རྡོ་གོར་མོ།
2025-08-01 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།