Back To Top

ཧྥ་ཇག་ལ་མནོལ་གྲིབ་ཕོག་འདུག

བཀླགས་གྲངས། 418

__ལུགས་ལྡོག

དེ་རིང་གི་ཉིན་མོ་ནི

ཁྲམ་པ་ང་ཧྥ་ཇག་ཏུ་འཛུལ་ནས

བགྲང་བྱ་གཉིས་འགོར་བའི་ཉིན་མོ་ཡིན

 

ཧྥ་ཇག་ནི་དབྱངས་གསལ་གྱི་མདའ་གཞུ་ཐོགས་པའི

ཇག་པ་འགྲན་མེད་ཅིག་ཡིན་ཤག་ཡིད་ཆེས་བྱས་ཀྱང

ལོ་འདི་དག་གི་རིང་དུ  སྣུམ་ཟད་ཀྱི་མར་མེའི་སྡོང་རྐང་ངམ

མནོལ་གྲིབ་ཕོག་པའི་རྒས་འཁོགས་སྐོར་ཞིག་ཏུ་གྱུར་སོང

 

ཁྲམ་པ་ཁེར་རྒྱུག་ང  ཕ་ཡུལ་གཅིག་པ་དང་འཛིན་གྲྭ

ཚོགས་པ་ཞིག་ཏུ་འཛུལ་བའི་སེམས་ཁམས་མེད་ཀྱང

ཇག་པའི་ཐ་སྙད་ཀྱིས་བསླུས་ནས་ཇག་མི་བྱས་པ་ཡིན

 

ཧྥ་ཇག་གི་ཕུ་ནུ་ཚོར་མནོལ་གྲིབ་ཕོག་པའི་གནད་རྩ་ནི

ཆེན་པོ་ཞིག་མི་འཁྱོང་བ་དང་ཆུང་ངུས་ཡིད་མ་ཚིམས་ཏེ

བཏང་སྙོམས་ཀྱི་དགེ་བའི་སེམས་ཆུང་གི་སྒྱིད་ལུག་ཏུ

འཚོ་གནས་ཀྱིས་བག་ལ་ཞ་བཅུག་པའི་ཡིད་གཉིས་སྐྱེས

 

ཁ་ཅིག་ན་རེ  ཧྥ་ཇག་ཅེས་པའི་ཐ་སྙད་ལ་རྣམ་རྟོག་ཟ་བ་དང

ད་ལྟ་ནང་འཛིང་བྱེད་འགོ་རྩོམ་གྱི་འདུག་ཟེར་ནས་ཁ་སླས་ན

ཁྱོད་ལ་ཧྥ་ཇག་གི་དོན་ལྔ་སྣོད་དྲུག་གཏོར་བའི་བརྡ་ཆ་ཡོད་ཚེ

དབྱངས་གསལ་གྱི་མི་མེད་གནམ་གྲུ་མགྱོགས་ཤོས་གཏོང་རེས་ཀྱིས

གནའ་དེང་གི་བཙན་ས་སྲུང་ཞོར་ཞན་ཆ་གཏོར་རྒོལ་བྱས་ན་འགྲིག

 

འོ་ན། ཁྱོད་ལ་སྤོབས་པའི་གདེང་མཐོན་པོ་ཞིག་ཡོད་དམ་ཞེ་ན

ཁམས་གསུམ་ཟིལ་གྱིས་གནོན་པའི་འཆར་ཡན་གྱི་སྒྲོ་འདོགས

རིགས་དྲུག་ཁྱུར་མིད་གཏོང་བའི་སྟོང་གཏམ་རེ་བཤད་ན་འགྲིག

 

 

མཐར་ཐུག་གི་རེ་བ་ནི

རང་གཞན་ཀུན་ཀྱི་སྐྲན་ནད་བཤའ་བཅོས་ཀྱི

དབྱངས་གསལ་སོ་བཞིའི་སྨན་པ་དང་སྨན་ཞབས་སུ

འཚང་རྒྱུགས་གཏོང་མཁན་མང་པོ་བྱུང་ན་ཅི་མ་རུང་སྙམ

2025-09-02 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།