Back To Top

མཛེས་སྡུག

ལུགས་ལྡོག

བཀླགས་གྲངས། 57

བར་སྐབས་ཤིག་ཏུ།
མཚན་ཉིད་རིག་པ་སྦྱང་འདོད་སྐྱེས་ཏེ།
ལམ་དུ་ཞུགས་ནས་ཡུད་ཙམ་བགྲོད་པ་ན།
དེ་ནི། གཏོར་བཤིག་གི་ལག་ཆ་ཞིག་ཡིན་པ་ཚོར།

དེ་ནས།
མཛེས་སྡུག་རིག་པའི་དཀར་ཆག་ལ་ལྟ་དུས།
གཞུང་ལུགས་ཀྱི་ལྷུ་ལག་དགྲོལ་རྒྱུ་ལས།
འགྱུར་ཁུག་གི་དབྱངས་སུ་འཐིམ་པ་ནི།
སྟབས་བདེ་ཞིང་བྲོ་བཅུད་ཆེ་བ་ཞིག་རེད་འདོད།

ད་ལྟར།
མཛེས་སྡུག་གི་ཆོས་ཀྱི་དབྱིངས་སུ་ཉལ་ཏེ།
བཟི་འཁྱོམ་གྱི་ཉལ་ཐ་དལ་གྱིས་རྔུབ་བཞིན་པ་འདི་བདེའོ། །


༢༠༢༥-༡༢-༩

2025-12-17 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།