བཀླགས་གྲངས། 102
—ལུགས་ལྡོག
སྔུན་མ་སྔུན་མ་ཟིག་ག
ངས སྤྱན་རས་གཟིགས་ད
དེ་འདྲ་ཡ་མཚན་ཟིག་མ་རེད་བསམ་མ
ངའི་སེམས་སུ སྣང་བ་མཐའ་ཡས་ད་ཉན་གི་བསམས་ཏེ
རེ་བའམ་ཕྱག་འཚལ་སྨོན་ལམ་བརྒྱབ་མྱོང
དོ་ཞག སྣང་བ་མཐའ་ཡས་ད་སྣང་བ་མཐའ་ཡས་ཏེ
ཡ་མཚན་ཟིག་ཡིན་ནས་མི་ཚད་ཀི་ད
སྤྱན་རས་གཟིགས་ཀྱིས་མ་ཆོག་པའང་མེད་ཀི་འདོད
ཡར་གཏུགས་མར་འདེད་བྱས་སོང་ན་ད
ཁྱིམ་རྒྱུད་གཅིག་པ་མ་ཚད་མྱི་ཡང་གཅིག་ཡིན་ཁ་ཟིག་རེད
ང་གསར་བུ་སྣང་མཐོ་ཡིན་དུས
རྒན་པོ་འོད་དཔག་མེད་གཞིས་རྒན་དང
སྤྱན་རས་གཟིགས་ད་གཞིས་གསར་རེད་བསམས
སྤྱན་རས་གཟིགས་ཞི་མོ་ཟིག་ཡིན་ན
དགའ་རོགས་བསྒྲིག་རྒྱུ་དང་ཞི་ལུ་ཟིག་ཡིན་ན
མནའ་མཆེད་བསྒྲིག་རྒྱུའི་ཧམ་སེམས་སྐྱེས་མྱོང
ད་ནི སྤྱན་རས་གཟིགས་དང་ཁྲིམས་རོགས་སམ
བློས་ཐུབ་ཀྱི་སྤུན་ཟླ་ཟིག་ཡིན་པ་ཚོར་གི་ཡོད
ཨ་ཁུ་སྣང་བ་མཐའ་ཡས་ལོ་ལོན་རྒྱུ་མེད་ནོ
དཀྱུས་ཀྲུམ་བཅས་ནས་འཛུམ་འདུག་པ་དེས
ང་ལ རང་ཚུགས་མི་འཆོར་བའི་སྤོབས་པ་བྱིན
ཨ་ཁུ་སྣང་མཐའ་དམར་མདངས་ཆེ་ནི་རེད
ཕོར་བ་ནག་ནི་རེད སྒམ་ཚུགས་ཆེ་ནོ་དཔེ་ཟིག་མེད
སྤྱན་རས་གཟིགས་ངུས་རབས་ཐོས་ནས
ང་ལོན་ན་ཆུང་ཡང་སེམས་པ་སྐྱོ་མྱོང
ང་ནི སེམས་ཅན་ཚོའི་ཆེད་དུ་སྐྱོ་བ་མིན
སྤྱན་རས་གཟིགས་སྙིང་རྗེ་བསམས་ནས་སྐྱོ་བ་ཡིན
དུས་རབས་འདིའི་སྐད་ཆ་ལྟར་བཤད་ན
སྤྱན་རས་གཟིགས་སྲིད་འཛིན་ནམ་སྲིད་བློན་ཡིན་པའི་དབང་དུ་བཏང་ན
ཨ་ཁུ་སྣང་མཐའམ་འོད་དཔག་མེད་ད་སྤྱི་ཁྱབ་སློབ་སྟོན་པ་ལོས་ཡིན
ཁོ་གཉིས་ཀའི
ལས་གནས་དང་ལས་ཁུངས་མི་གཅིག་ཀྱང
དོན་དག་འབབ་ས་བོ་ད་གཅིག་ཐོག་གཅིག་བསྣན་དང
གསུམ་གྱི་ནང་ནས་གཅིག་འཐེན་པ་དང་ཨ་ན་མ་ན་རེད་ཡ
ཧེ་ཧེ
ཡོག་ལི་ངས
ཕྱགས་མ་བཟུང་ནས་བལྟས་བསྡད་ཡོད
སྲོལ་རྒྱུན་གྱི་དབྱུག་པའི་འོག་ཏུ་འཚར་ལོངས་བྱུང་བ་ཞིག་གིས
ཕར་བལྟས་ཀྱི་རི་བོ་དེ་འཁོར་བ་དང
ཚུར་བལྟས་ཀྱི་ཆུ་བོ་འདི་མྱང་འདས་རེད་ཟེར་བ་དེར
རྣ་བ་བླགས་ཤིང་བློ་ཡིས་གཞིགས་གཞིགས་ནས
བཀའ་འགྱུར་བདེན་ན་མི་ཐང་གི་ན་བཟེས་ནས་བགད་བགད་བཞག
ང་ཚེ་སྟོད་དུ་སྤྱན་གཟིགས་ལྟར་ངུས་ངུས་ཀྱང
ཚེ་སྨད་དུ་ཨ་ཁུ་སྣང་མཐའ་ལྟར་འཛུམ་མོལ་ལེར་འཆི་དགོས་ཁ་རེད
ཧ་ཧ་ཧ་ཧ(མཚམས་འདིར་ང་རང་གིས་ཐལ་ལྕག་པུས་མོར་གཞུས་པ) སྡིག་པ་ཁུར
ཧམ་སེམས་ཀྱིས་བཤད་ན
ཨ་ཁུ་སྣང་བ་མཐའ་ཡས་དང
འགྱུར་བ་མ་ནིང་སྤྱན་རས་གཟིགས
ཞི་ལུ་ལུགས་ལྡོག་གསུམ་ག་ཨ་ན་མ་ན་ཡིན
སུ་ཟིག་གིས་དགག་པ་བརྒྱབ་ན་རྒྱག་ཏུ་ཆུག
ངས་ནི རྒྱུ་མཚན་ཟེར་བའི་གློས་བཤད་ལ་མི་ཉན་ཡ
ཨ་ཧོ ཧ་ཧ་ཧ་ཧ
སྐྱིད་པོ་བཤད་ཡོད་ཡ
༢༠༢༥-༡༢-༩
རེས་གཟའ་མིག་དམར།