Back To Top

ཞོགས་ཟས་སྤར་གང་དང་བསླབ་བྱ་འདོམ་གང་།

—མྀ་བསྟུན་པ།

བཀླགས་གྲངས། 100

རང་གི་མི་ཚེའི་ཁ་ལོ་བ་རང་ཉིད་ཡིན་ཤག་ཤག་གིས

ཐག་གཅོད་དང་བློས་གཏོང་གིས་འཚོ་བཞིན་ཡོད།

 

ཞོགས་ཟས་ཟ་སྐབས་སུ  

མི་ཞིག་གསར་དུ་ངོ་ཤེས་པ་མ་ཟད

ངའི་ཞོགས་ཟས་ཀྱི་རིན་པ་དེའང་བྱིན་ཚར་འདུག

 

ཞོགས་ཟས་གོང་བདེ་སྤར་བ་གང་དེ་ཟོས་ཚར་མཚམས་སུ

མ་བསམས་བཞིན་དུ་མི་ཚེའི་བསླབ་བྱ་ཞིག་ཀྱང་གནངས་སོང་།

 

དངོས་གནས་བཤད་ན 

ང་རང་གི་མི་ཚེའི་དམིགས་འདུན་དང་འཚོ་བའི་གདམ་ག་དེ

ངས་སྔོན་མ་ནས་ཐག་བཅད་དེ་ད་ལྟར་ལམ་ཁར་ཡོད

རེད་དེ  མ་བསྐུལ་མ་དྲིས་ཀྱང་བསླབ་བྱ་གནངས་པར

ཕྲན་ཆུང་གིས་ལན་འདེབས་བྱས་ན་གོ་བ་ལོག་སྲིད་པས

བདེན་བརྗོད་ཀྱིས་མགྱོགས་པོར་ཁ་བྲལ་ཐབས་བྱས།

 

ལམ་ཁ་དེར

ངའི་མིད་པ་དོག་མོ་ནས

ཞོགས་ཟས་སྤར་གང་དང

བསླབ་བྱ་འདོམ་གང་ཞེས་པ་ལུད་སོང་།

 

ངས་བཟོད་སྒོམ་དང་བསམ་གཞིགས་བྱེད་མ་ཐུབ་པ་མིན

གང་ཡིན་ཞེ་ན  འུ་ཅག་གི་མི་རྒན་ཚོ་ལམ་སྟོན་དགའ་བ་དེ

དུས་རབས་འདིའི་སེམས་ཁམས་སུ་འོས་པ་ཞིག་ཡེ་ནས་མ་རེད

དེས་ན  ངོ་ཤེས་དང་མི་ཤེས་པའི་མཚམས་སུ

བསམ་ཚུལ་ལས་འདས་པའི་སློབ་སྟོན་གནང་རྒྱུ་ནི

ཉམས་མྱོང་གིས་མ་འདང་བའི་ཨུ་ཚུགས་བཙན་པོ་ཞིག་རེད་ཨང་སྙམ།

 

སྤྱིར་ན་ཀུན་སློང་ལ་རག་ལས་པ་བདེན་མོད་ཀྱང

རིན་ཐང་ལྟ་ཚུལ་བསྒྱུར་དགོས་ཟེར་ན་དཀའ་མོ་ཡིན།

 

མི་རབས་གསར་རྙིང་གི་བར་ཐག་ནི

རང་རང་ལ་རིན་ཐང་འཇོག་སྟངས་རེ་ཡོད་པར་བརྟེན

མི་མཐུན་པའམ་འགལ་བའི་ས་མཚམས་འབྱུང་གི་ཡོད།

༢༠༢༥-༡༢-༢༩

རེས་གཟའ་ཟླ་བ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།