Back To Top

ངག་རྗེས་བཀླགས་པ།—ཏུན་ཧོང་གཏེར་ཡིག་ཏུ་ལོ་རྒྱུས་ལ་ངག་རྗེས་ཟེར།

—ལུགས་ལྡོག

བཀླགས་གྲངས། 27

གནའ་གདོད་མའི་རྔོན་ལས་ཀྱི་རྗེས་སུ

བོད་ཀ་གཡག་དྲུག་གི་ཚོ་ཁག་ཏུ
མིག་ཟུང་གྱེན་དུ་ཟུམ་ཞིང
མཛུབ་མོ་གནམ་ལ་ཀེར་བའི
གཉའ་ཁྲི་བཙན་པོ་སོགས་རིམ་པར་བྱུང་།


བར་སྐབས་སུ
ཞང་ཞུང་དང་སུམ་བྷ
འ་ཞ་སྟེ་མགོ་ལུས་ཚང་ཞིང
དོན་ལྔ་སྣོད་དྲུག་གི་གཟུགས་ཕུང་ཞིག་གྲུབ།


དར་བའི་ལན་དུ་རྒུད་པའི་ཆོས་ཉིད་དེ
སྟོད་དུ་ཞྭ་ཙམ་དང་སྨད་དུ་ལྷམ་ཙམ་བྱུང་།


རེས་འགལ་རེས་མཐུན་གྱིས
གཉེན་ཆང་བཏུངས་ཤིང་གཡུལ་འགྱེད་བྱས་ཏེ
ཙག་ལྡོམ་དང་ཆར་ཆུར་དཔའ་བའི་རྡོ་རིང་བསླངས།


མཐའ་མཇུག་ཏུ
བཅིངས་པ་ལས་བཀྲོལ་ཡོད་ཅེས
ཁ་ཤའི་པགས་པ་ལྟར་ཡར་མར་དུ་བགོས་ནས
གཞིས་བྱེས་ཀྱི་ལག་ཟུང་འཕྲད་དཀའ་བར་གྱུར།


མི་སྒེར་བདག་གིས་བལྟས་ན
མཆོད་ཡོན་གྱི་གབ་ཚིག་དེ་ནི
བྱ་བྱེད་ལས་གསུམ་ཚང་བ་ཞིག་གོ་སྙམ།
༢༠༢༥-༡༢-༡༤
རེས་གཟའ་ཉི་མ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།