Back To Top

དབུས་དང་ཡན་ལག

—ལུགས་ལྡོག

བཀླགས་གྲངས། 40

སྐད་དང་ཡི་གེ

རིག་གཞུང་འགོག་མཁན་གྱི་སྲིད་གཞུང་ཡོད།

དེ་ལ་མཐའ་གཅིག་གིས་ངོ་རྒོལ་བྱེད་པའི་རུ་ཁག་ཡོད།
རུ་ཁག་དེས། སྐད་ཡིག་གི་རུ་དར་རྟག་བརྟན་དུ་འཕྱར་ངེས།


སྲིད་གཞུང་དེ་ལ་དབུས་ཞེས་འབོད་ཆོག་ཅིང་།
ཆགས་སྡང་ཅན་ཚོས་དགྲ་བོ་རུ་བརྩི་ངེས་ཡིན།
དགྲ་བོ་དེའི་ལག་པས་མི་སྙོབ་ས་ན།
ལྐོག་གྱུར་གྱི་ཡན་ལག་བཙུགས་ཡོད་ལ།
དང་བླངས་བྱེད་པའི་ཡན་ལག་ཀྱང་ཡོད།


རུ་ཁག་དེ་སྐྲག་ས་ནི།
དབུས་དང་ལྐོག་གྱུར་གྱི་ཡན་ལག་མིན།
དང་བླངས་བྱེད་མཁན་ནི་ཆེས་འཇིགས་ས་དེ་ཡིན།


ཁོ་ཚོས། རང་གི་སྐད་ཡག་པོ་མི་ཤེས་ཤིང་།
ཡི་གེ་མི་བཀོལ་བ་མ་ཟད་ཡི་གེ་བ་ཚོར་སྡང་མིག་འཕེན།


དབུས་གཞུང་དང་ཡན་ལག་ལ་གཡོལ་ཆོག་ཀྱང་།
དང་བླངས་བྱེད་པའི་ཡན་ལག་ལ་གཡོལ་ཐབས་མེད།
ཕྱི་ལུས་བཤའ་བཅོས་བྱེད་ཆོག་ཀྱང་དོན་ལྔ་སྣོད་དྲུག་རུལ་སོང་ན།
འཚོ་བྱེད་གཞོན་ནུ་དངོས་སུ་བྱོན་ཡོང་ནའང་ཕན་ཐོགས་མི་འབྱུང་།
དེ་བས། དབུས་གཞུང་གི་དགྲ་བོ་ལས་ལྷག་པའི་ཁ་གཏད་ནི།
གྲིབ་མ་བཞིན་ཉེ་བར་གནས་པའི་གཉེན་གྲོགས་དང་བླངས་པ་ཚོ་ཡིན།


གཅིག་བྱས་ན། རང་གི་སྐད་ཡིག་མི་ཤེས་ཟེར་ནས།
མགོ་བོ་བཏེགས་ཏེ་སྐད་གདངས་སྦོམ་དུ་གཏོང་སྲིད།
༢༠༢༥-༡༢-༨

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།