Back To Top

མི་སེམས་རྐུན་མ་རེད།

ཁྲོ་གཏུམ་གྱིས།

བཀླགས་གྲངས། 908

ངས་ཁྱོད་རང་བརྐུས་པ་ནས་བཟུང
རྐུ་རྒྱུ་ཡིན་པའི་འདུ་ཤེས་དེ་བོར་མ་མྱོང

བརྐུས་ཚར་བའི་ལོ་ཟླ་དུ་མའི་རྗེས
ཁྱོད་རང་ཕྱི་བཤོལ་བྱས་སོང

སེམས་པ་ནི་བརྩེ་བ་འཚོལ་མཁན་ཞིག
དཀྱོག་ལམ་འགའི་རྗེས་སུ
འཚོལ་བཞིན་པའི་དམིགས་ཡུལ་འཆོལ་འདུག

དྲང་བདེན་གྱི་ལམ་ཁ
ཡང་ན་གཞུང་དྲང་གི་གཤིས་ཀ
ཤོག་ཐོག་ན་ཡོད་རུང
ལས་ཐོག་ན་མེད་པའི་མི་གཤིས་ལས
ད་གཟོད་ང་ཚོ་འདི་ལྟར་བོར་ཞིང
ཡང་ན་འདི་ལྟར་རྙེད་པར་གྱུར

ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༢ ཉིན།

2024-02-22 རྡོ་གོར་མོ
2024-02-22 ཆབ་བྲག་ཕོ་ཉ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།