Back To Top

འདི་ལྟར་འཇབ་ནས་ཡོང་དོན་ཅི།

བེའུ་རྫི་རྡ་རྡ།

བཀླགས་གྲངས། 1020

 

གཉིད་ལ་ཤོར་ཡོད་པའི་ཚོར་བ་མ་བྱུང
ཁྱོད་ཀྱིས་ངའི་འཁྲིས་ན་ཆེས་སྙིང་རྗེ་བའི་རྣམ་འགྱུར་དེ་བསྟན་འདུག

འོ་གསུམ་གྱི་འགྲོས་རིམ་དེ
དཔྲལ་བ་ནས་མར་བབས་དུས
སེམས་པ་ལ་ཤོར་བའི་གས་ཆག་གི་ཁ་ཤོ་དེ་གྲུབ་སོང


ཁྱོད་ཀྱི་རྒྱབ་ངོས་ངའི་དང་ཁར་བརླན་ནས་བཀུམ་བཀུམ་བྱས་ཏེ་གཉིད་སོང
དངངས་འདར་ཤིག་གིས་ང་གཉིད་སད་སོང
ད་རུང་གཉིད་སད་ཀྱང་རྨི་ལམ་ཡིན་པར་ཡིད་ཆེས་དཀའ

འདི་ལྟར་རྨི་ལམ་དེས་ང་ལ་ཕྱིར་དྲན་བྱེད་དུ་བཅུག
ཕྱིར་དྲན་དེས་ངས་དྲན་པའི་གཏིང་སྔོགས་ཤིང
སེམས་པའི་སྙི་ས་ལ་སེན་བཏོག་བྱས
རྒྱུན་ལྡན་མ་ཡིན་པའི་དབུགས་ཀྱི་འབྱིན་རྔུབ་ཀྱང་ཧ་ཅང་གིས་མྱུར

འདི་ནི་མོ་དང་བྲལ་ཏེ་ཟླ་བཞི་ཟིན་པའི་རྗེས་སུ་བྱུང
འདི་ནི་རྨི་ལམ་དང་མངོན་གསུམ་གཉིས་གཞི་གཅིག་དུ་སྦྲེལ་བ་ཞིག
ངས་ད་རུང་ཡང་བདེན་ཅོག་ཅོག་འདྲ་བའི་ངང
གང་ཞིག་ལ་རྣ་བ་གཡར་དགོས་འཁེལ

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༨ ཕྱི་དྲོ།

2024-03-16 ཇག་ལྷ་དཀར་པོ།
མུ་མཐུད་དུ་རྩོམས་ཤིག
2024-03-14 ནག་ལྟིག
2024-03-14 མུན་འཇོམས།
2024-03-13 ཤེད་བུ།
བོད་སྐད་གཏིང་མས་བཤད་ན། ཤ་དྲོད་ཡོད་པའི་སྙན་ངག་རེད།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།