Back To Top

དིང་རི་བ། ཞེ་རུས་ཀྱི་རྐང་མར་ལ་སོ་རྒྱག་འདོད།

ཁྲོ་གཏུམ་གྱིས།

བཀླགས་གྲངས། 807

དིང་རི་བ།
ས་གཞིའི་ཟེ་བ་འགུལ
ངའི་སྤུན་ཟླའི་ཚེ་སྲོག་ལ་བབས
ལས་བདའ་དང་འཁང་ར་བྱེད་ས་མི་འགྲོ་བའི་གོད་ཆགས་འདི
ངའི་སྐྱོ་སྡུག་གི་མིག་གོང་ནས་ཚྭའི་ཆུ་ཐིགས་སུ་གྱུར

དིང་རི་བ། ངའི་སྤུན་ཁོ་འདི་ཚོའི་སྡེ་མིང་འདི
ང་ས་མཐར་འཁྱམས་པའི་ལོ་དེར་གོ་ཞིང་རྐང་རྗེས་མཚན་ལ་དཔར
དིང་རི་བརྒྱད་ཅུའི་ཞལ་གདམས་ལས་ཀྱང་གོ་མྱོང
དགུན་རྒྱ་སྟག་འདྲ་མོའི་དགུ་སུག་པའི་འགོ་སྡོད་ལ
ས་འཁྱག་རྡོ་འཁྱག་གི་སྲིབ་ཀ་རུ
ཉེས་མེད་ཀྱི་ཚེ་སྲོག་འཐུ་དོན་ཅི

དིང་རི་བ། བརྡ་འཕྲིན་གྱི་བར་སྟོང་ན
ཆག་འཇིག་གི་བརྙན་ཐུང་ཇི་འདྲ་མང་རུང
རོགས་སྐྱོར་གྱི་རྒྱུ་དངུལ་ཇི་ལྟར་སྤུངས་ཀྱང་
ཁྱོའི་སེམས་པར་སྤུངས་པའི་སྡུག་བསྔལ་དེའི་ཚབ་བྱེད་ག་ལ་ཐུབ

དིང་རིང་བ། ངས་ངུ་ལྷབ་རེ་དང་ལྷན
འོ་དོད་རེ་འབོད་འདོད
ཤ་འདར་རེ་རྒྱག་ཞོར་ཁྱོད་ཚོར་ཧེད
ཅི་ཡང་བཤད་མི་འདོད་པའམ་སྒྲུབ་མི་བསམ་པར
ཞེ་རུས་ཀྱི་རྐང་མར་ལ་སོ་རྒྱག་འདོད

དིང་རི་བ། སེམས་རྩ་བརྟན་པོས
ང་ཚོ་མཉམ་དུ་མདུན་བསྐྱོད་བྱེད
ཤུགས་རྒྱོབ

2025-01-19 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།