Back To Top

ཁྱེད་ཀྱི་པང་དུ།

བཀླགས་གྲངས། 787

ཨ་དོན་ཉིས།

སྙན་ངག་འདི་ཧྥ་ཇག་ཚང་གི་ཇག་པ་ཚོར་གདུང་བའི་མེ་ཏོག་ཕོག་པའི་ལྷ་བསྐལ་དུ་བསྟབས་པ་ཡིན།


ཁྱེད་ཀྱི་པང་དུ་ང་གཅེར་བུར་དགོད་དུས
གླེན་པ་བརྩེ་དུང་ཅན་ཚོས
ཐག་རིང་ནས་ང་ལ་འཕྱ་ཐུབ་པར་ཤོག
ངས་ཁྱེད་ཀྱི་ཁུ་བ་བཙག་ནས་བདུད་རྩི་རུ་སྐོལ་དགོས

ཁྱེད་ཀྱི་པང་དུ
ངས་རང་ཉིད་སྨྱོན་པར་རྫོགས་པའི་ནམ་མཁའ་ཞིག་རྙེད་ཚེ
ལྐུགས་པ་རྒྱུ་འབྲས་ཅན་ཚོས
རྟབ་རྟབ་པོར་ང་ལ་སྡིགས་ཐུབ་པར་སྨོན
ངས་ཁྱེད་ཀྱི་རྐང་པ་བཀྲུས་ནས་བདེ་སྐྱིད་ཉོ་དགོས

ཁྱེད་ཀྱི་པང་དུ
ང་ལ་བོད་ཡིག་གི་ཟླ་མཚན་དྭངས་མོ་སྒོག་སྒོག་ཏུ་མིད་པའི་ཁ་ཞིག་ཡོད་པས
ང་ལྟོགས་གྲིའི་ཁར་འཆི་མི་དགོས

མྱི་ལྡིང
ངས་དབུལ་ཕོངས་ཀྱི་ཡིག་འབྲི་བསྒྲིག་ནས
སྙིགས་མ་ལྔ་བདོའི་སྒེའུ་ཁུང་གཅག་ཚེ
ཁྱེད་ཀྱིས་སྙིང་རྗེ་མེད་པར
ཁྲག་གིས་སྦྱོངས་པའི་ཨ་རག་ཕོར་པ་གང
ངའི་ཁ་ལ་གཏུག་ནས་ཉལ་སར་འཕེན་རོགས

༢༠༢༥/༥/༢༣ ཨ དོན་ཉིས་མོ་ཌའི་ནང་རྒྱུག་ཞོར་དུ་བྲིས།

2025-05-24 ཤེད་བུ།
2025-05-24 རྡོ་གོར་མོ།
2025-05-24 གསལ་ལེ་རྒྱལ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།