ཨ་དོན་ཉིས།
བཀླགས་གྲངས། 294
ཞི་བའི་གངས་རི་ཆེན་པོ
གདུང་བའི་ནང་གི་དྲང་སྲོང་ལྷུང་བ
ཁྱེད་ཀྱིས་བྱ་འཁྱམ་པོ་རྣམས་ལ་རླུང་དང་གཙང་པོ་གནང་ནས
མཐའ་ཡས་པའི་ནམ་མཁའ་རེ་རེར་བཏང
འོད་སྟོང་ལྡན་པའི་ལམ་ཁ་རེ་རེ་བསྟན
མདོར་ན ཁྱེད་ཀྱིས་རྨ་ཁ་མང་པོ་མང་པོ་ཞིག་བཙེམས་པ་རེད
རྒྱང་རིང་གི་ཡུལ་མི་བཀན་མོ་ཚོས
མཚན་མོ་བརྒལ་རོགས་ཀྱི་གཏམ་རྒྱུད་དག་ལ
མུན་པ་མཐར་སྐྲོད་ཀྱི་དབྱངས་སྣ་ཚོགས་རྩོམ་བཞིན
ཁྱེད་ཉིད་གཅིག་པུར་སྒུག་ཡོད་ཟེར
དེ་འདྲ་སོང་ཙང
བསྐལ་པ་གྲངས་མེད་ཐུབ་པའི་མི་དེ་ཁྱེད་རང་ཡིན་རོགས
སྐུ་མདུན་ལགས
དགུང་གྲངས་དགུ་བཅུ་ནི་ལོ་ཟླའི་བགྲོད་པ་ཡིན་གྱི
ཁྱེད་རང་ག་ལ་ཡིན
༢༠༢༥/༦/༡ ཨ དོན་ཉི། ཨ་རི།