ཨ་དོན་ཉིས།
བཀླགས་གྲངས། 385
སྙིང་ཉེ་བའི་གླེང་མོལ་གྱི་ཁྲོད་དུ
བཙོན་ཁང་གི་སྡིག་སྒྲིབ་དལ་གྱིས་འཕྱོ
རྫི་མའི་ནང་གི་ཆུ་ཕྲན་ངལ་ཞིང་དུབ
ཁེར་རྐྱང་གི་མི་ཞིག་དྲན་པའི་ཁྲེལ་གཞུང་ལྡེམ་མེར་གཡོ
ནུབ་ཁའི་ཉི་འོད་དེ་གདུང་དྲགས་པས
ཤིན་ཏུ་ལྕི་བའི་མིག་ཆུ་དག
གཡང་གཟར་གྱི་པང་ཁ་བརྒྱུད་ནས་ལྷུང
གནམ་གཅལ་གྱི་ངོས་སུ་སྨུག་པ་ལྡིང
དྲ་མའི་ནང་ལོགས་ནས་འཁྱག་པ་བཞུར
གཏམ་རྒྱུད་བཤད་ཚར་སོང
མི་རྣམས་ཀྱིས་ཐལ་མོ་སྦྱོར་བཞིན
ངུ་ལབ་དང་ཁ་བཏགས་ཀྱི་དྭངས་གཙང་ཁྱེད་ལ་ཕུལ
,,, ,,,
ངས་རང་ཉིད་ཀྱི་ལག་ཟུང་སྟོང་བའི་ནང་དུ
ཁྱེད་ཀྱི་ནམ་མཁའ་རུམ་བསྡད
༡༠/༡༩/༢༥ ཉིན།