ཨ་དོན་ཉི།
བཀླགས་གྲངས། 248
A Bethlehem Night
པེད་ལེ་ཧེམ་གྱི་མཚན་མོ།
མི་ཚོགས་ཀྱིས་ཁེངས་པའི་མགྲོན་ཁང་དུ་ཁང་མིག་སྟོང་བ་མེད
ཁོ་ཚོ་མགྱོག་པོར་རྟ་ར་ཞིག་གི་ནང་དུ་བྱོལ
རྩྭ་དང་རྡོ་ཡི་སྟེང་དུ་བྱིས་པ་ཞིག་བྱོན
བྱིས་པ་དེ་ཆས་གཞོང་གི་ནང་དུ་བསྙལ
རྫི་བོ་ཚོས་ཕྱུགས་ཁྱུ་བསྐྱུར་ཏེ
ཕོ་ཉས་དབྱངས་ལ་གྱེར་བའི་མཚན་མོ་དེ་ལ་ལྟ་རུ་འོངས
གོས་ཧྲུལ་གྱི་ཁུད་དུ་གཅུད་པའི་བྱིས་པ་དབུལ་པོ་དེ
གནམ་གྱི་འོད་ཟེར་དུ་བསྔགས་ཤིང་བཀུར
རྒྱང་རིང་གི་སྐར་མའི་ཚོགས་ཀྱིས
ཤར་ཕྱོགས་ནས་ཕེབས་པའི་མཁས་པ་རྣམས་ལ
ལྟད་མོ་དེའི་མདུན་དུ
ལུས་སར་དུད་དགོས་པའི་ཅོང་བརྡ་བཏང
འོད་གསལ་ལྷ་ལས་བྱུང་བའི་བྱིས་པ་དབང་ལོག
སྐར་མ་འཁྱམ་པོའི་འོག་གི་བྱང་ཆུབ་ཀྱི་རྗེ་བོ
ཞི་བར་གནས་པའི་མཚན་མོ་དེ
བྱིན་གྱིས་བརླབས་པའི་མཚན་མོ་དེ
༢༠༢༥/༡༢/༢༥ ཨ དོན་ཉི།