Back To Top

ཁ་བ་བབས་བྱུང་།

ཨ་དོན་ཉིས།

བཀླགས་གྲངས། 28

 

དེ་རིང་གི་ཁ་བ
སྐྱོ་གདུང་གིས་བབས་བྱུང
སྨོན་འདུན་གྱིས་བབས་བྱུང
གཉའ་ཆག་པའི་མི་རབས་ཤིག་གི་མགོ་ཐོག་ལ་བབས་བྱུང
ཤི་བོ་དང་གསོན་པོ་ཚོའི་གླུ་སྐད་ཀྱི་ཁྲོད་དུ་བབས་བྱུང
ངས་སྤར་ཁ་ཇི་ཙམ་བསུམས་ཀྱང་ཁ་བ་ཐག་རིང་ལ་བབས་སོང

དེ་རིང་གི་ཁ་བ
ཕྱུག་པོ་དང་སྟོབས་ཆེན་ཚོའི་རོལ་རྩེད་བཞིན་བབས་བྱུང
སྤྲང་བོ་དང་འཁྱམ་པོ་ཚོའི་སློང་མོ་བཞིན་བབས་བྱུང
ཆོས་ཁང་གི་ལྕགས་རིའི་ནང་དང
གྲོང་ཁྱེར་གྱི་སྒེའུ་ཁུང་ཁར་བབས་བྱུང

༢༠༢༥ ལོའི་ཁ་བ་མཐའ་མ
ང་ཡི་ཉོན་མོངས་བཞིན་བབས་བྱུང
ཁྱོད་ཀྱི་གཡོ་སྒྱུ་ལྟར་བབས་བྱུང
རྨི་ལམ་གྱི་དགུན་གཞུང་ནས་བབས་བྱུང
དུས་ཚིགས་ཀྱི་ཕྱི་རོལ་ནས་བབས་བྱུང

དེ་རིང་གི་ཁ་བ
Van Gogh ཡི་རི་མོའི་སྒྱུ་རྩལ་བཞིན་བབས་བྱུང
དབྱངས་ཅན་མའི་ཟླ་མཚན་བཞིན་བབས་བྱུང
འབྲོག་མོ་ཚོའི་ངོ་ཚ་བཞིན་བབས་བྱུང
ཅ་ལག་རེ་རེའི་སྟེང་ལ་བབས་བྱུང

དེ་རིང་གི་ཁ་བ
རྨ་ཁ་དང་སྐྱོ་གདུང་མོད་པའི་ང་ཡི་སེམས་སུ
མཛེས་སྡུག་གིས་བབས་བྱུང

སྙིང་ཉེ་བའི་བཙོན་པ
ངས་ཁྱེད་རང་དྲན་གྱིན
རང་ཉིད་ཁེར་རྐྱང་དང་ལྷིང་འཇགས་ལ་བཅོལ་ཡོད

ཁ་བ
ཁ་བ

༢༠༢༥/༡༢/༣༡ ཨ དོན་ཉི།

2026-01-01 གསལ་ལེ་རྒྱལ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།