Back To Top

ཆེས་སྐྱོ་བའི་སྙན་ངག

རྩོམ་མཁན་ཕཱ་བྷུ་ལོ: ནོར་ཊ། (Pablo Neruda) ཨ དོན་ཉིས་བསྒྱུར།

བཀླགས་གྲངས། 148

ངས་མཚན་གང་བོར་སྐྱོ་གདུང་གི་སྙན་ངག་འབྲི་ཐུབ།
དཔེར་ན། སྐར་ཚོམ་གྱིས་ཁེངས་པའི་མཚན་མོར།
ཐག་རིང་དུ་གཡོ་བའི་རྒྱུ་སྐར་དང་མཐིང་མདོག་འབྲི་ཐུབ།
མཁའ་དབྱིངས་སུ་གསཡོ་བའི་མཚན་མོའི་རླུང་དང་གླུ་སྐད་འབྲི་ཐུབ།
མཚན་གང་བོར་ངས་སྐྱོ་གདུང་གི་སྙན་ངག་འབྲི་ཐུབ།
ང་ཁོ་མོར་དུངས་ཚུལ། མཚམས་རེར་ཁོ་མོ་ཡང་བདག་ལ་དུངས་ཚུལ།
འདི་ལྟ་བུའི་མཚན་མོ་ལ། ངས་ཁོ་མོ་ལག་ཁུག་ཏུ་པང་ཚུལ།
མཐའ་ཡས་པའི་གནམ་འོག་ནས་ངས་ཁོ་མོ་ལ་འོ་གྲངས་མེད་བྱས་ཚུལ།
ཁོ་མོ་ང་ལ་དུངས་ཚུལ། ཡང་མཚམས་རེར་ང་ཁོ་མོར་དུངས་ཚུལ།
འཇམ་ཐང་ཐང་གི་མིག་ཟུང་། ང་ཇི་ལྟར་བྱས་ནས་ཁོ་མོར་བརྩེ་བ་མི་ཆགས་སམ།
ངས་མཚན་གང་བོར་སྐྱོ་གདུང་གི་སྙན་ངག་འབྲི་ཐུབ།
ང་ལ་ཁོ་མོ་དབང་མེད་པའི་སེམས་བྱུང་བཞིན།
ངས་ཁོ་མོ་བོར་སོང་བའི་ཚོར་བ་བཞིན།
མཚན་མོ་མཐའ་ཡས་པ་དང་།
ཁོ་མོ་མེད་པའི་སྐྱོ་བ་མཐའ་ཡས་པར་རྣ་བ་བླག་བཞིན།
སྙན་ངག རྩྭའི་ཟིལ་བ་བཞིན་ངའི་རྣམ་ཤེས་ཀྱི་ཀློང་དུ་ཁྱབ་རག་དབར།
ངའི་བརྩེ་བས་ཁོ་མོ་འཛིན་མི་ཐུབ་པ་ཅི་ཞིག་ཡོད།
སྐར་ཚོམ་གྱིས་མཚན་མོ་ཁེབས་ཀྱང་། ཁོ་མོ་ང་དང་ལྷན་དུ་མེད།
ཡོད་ཚད་འདི་རེད། མི་ཞིག་གིས་ཐག་རིང་ནས་གཞས་བཏང་ཡོང་།
ཁོ་མོ་མེད་པའི་རྐྱེན་གྱིས་ང་ཡི་སེམས་པ་སྟོང་སིང་སིང་དུ་གྱུར།
ཁོ་མོ་ཐག་ཉེ་རུ་ཡོད་སྣང་གིས། ངའི་མིག་ཟུང་གིས་ཁོ་མོ་བཙལ།
ང་ཡི་སེམས་ཀྱིས་ཁོ་མོ་བཙལ། ཁོ་མོ་བདག་གི་གམ་ན་མི་འདུག
མཚན་མོའི་དཀར་འོད་དང་ལྗོན་ཤིང་འགྱུར་མི་འདུག
ང་ཚོ་འགྱུར་སོང་། ང་ཚོ་སུ་ཡིན་ནམ།
ང་ཁོ་མོར་དུངས་བ་སྲབ་དྲགས་པ་བདེན་མིད། འོན་ཀྱང་ངས་ཁོ་མོ་ཧ་ཅང་དྲན་མྱོང་།
ངའི་སྐད་སྒྲ་ཡིས་རླུང་ནང་དུ་ཁོ་མོའི་གསེར་སྙན་བཙལ།
ཁོ་མོ་གཞན་གྱི་ཡིན་ནམ། བདག་གི་འོ་ཡིས་དཀྲོགས་པའི་ཁོ་མོའི་འཁུན་སྒྲ
ཟོར་ཡང་བའི་སྐྱེ་གཟུགས། མཐའ་ཡས་པའི་མིག་ཟུང་།
ང་ཁོ་མོར་དུངས་བ་སྲབ་དྲགས་པ་བདེན་མོད། འོན་ཀྱང་ངས་ཁོ་མོ་ཧ་ཅང་དྲན་མྱོང་།
བརྩེ་བ་ཐུང་དྲགས་སོང་། བརྗེད་པ་རིང་དྲགས་སོང་།
འདི་ལྟ་བུའི་མཚན་མོ་ལ། ངས་ཁོ་མོ་ལག་ཁུག་ཏུ་པང་ཡོད།
ཁོ་མོ་མེད་པས་ང་ཡི་སེམས་པ་སྟོང་སིང་སིང་དུ་གྱུར།
འདི་ནི་ཁོ་མོས་ང་ལ་བཞག་པའི་མཐའ་མཇུག་གི་ན་ཟུག་ཡིན་པར་སྨོན།
ངས་ཁོ་མོར་བྲིས་པའི་སྙན་ངག་མཐའ་མ་དེའང་འདི་ཡིན་པར་སྨོན།

2026-04-30 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།