Back To Top

སྙན་ཐུང་གཉིས།

གཅེར་བུ་བས།

བཀླགས་གྲངས། 420

དུས་ཀྱི་ཁུག་སོ་ནས།


ཉི་འོད་ཀྱིས་བཅུམས་པའི་ཕྱི་དྲོ་དེར
འཕྲིན་ཡིག་ཅིག་དང་འདྲ་བའི་བུ་མོ་ཞིག་ཐུག་སོང་
སྤྲོ་སེམས་འཁོལ་བ་ནས་ཞི་འཇམ་དུ་སོང་བའི་བར
རྟབ་རྟབ་པོར་སྒོར་དོན་པའི་ཕྱི་དྲོ་དེར
གྲིབ་ཆེན་གྱིས་ཁང་ཁྱིམ་རེ་གཡོར་ནའང་
ངས་རང་གི་བོངས་ཚོད་ལ་སྣང་བ་ཡེ་མ་བྱུང་

འདུ་ལོངས་ལ་འབྲེལ་བ་མེད་པའི་ང་རང་
ལུང་པ་ལག་མཐིལ་ཙམ་ནས་ཕར་ཕྱིན་ཙ་ན
མཐའ་མེད་པའི་ཐང་སྟོང་རྨི་ལམ་ལྟར་རིང་བ་ལ
རང་རང་ལ་ཤར་བའི་སེམས་ཁྲེལ་ནས་བརྩིས་ན
ཆུ་འཁྱག་ལ་འབྱར་བའི་དགའ་སྡུག་དཀར་དམར
ཉེ་འདབས་ཀྱི་རི་ངོས་ནས་བཞུར་བཞིན་འདུག
མཐའ་མི་མངོན་པའི་གཙང་པོ་ལྟར་བཞུར་བཞིན་འདུག

 རྒྱང་ལྟ།

ཕར་ཙམ་ནས་ཚུར་ཕྱོགས་དུས
གླུ་ཆུང་ཞིག་ལེན་བཞིན་ཡོད
མེ་ཏོག་མང་བའི་གླུ་ཚིག་དེ
ནམ་མཁའ་དང་ས་གཞི་ཁོ་ནས་གཅེར་བུར་ཕུད་ནུས

ཚུར་ཙམ་ནས་ཕར་འཁོར་ན
སྨྲེང་བའི་ངུད་མོ་འདེབས་བཞིན་ཡོད
ཤིང་སྡོང་ཞིག་སྐམ་པའི་སྐྱོ་བ་དེ་ཉིད
རྩྭ་ཕྲན་ཞིག་གི་མིག་ཆུ་རུ་བྱོ་བཞིན་འདུག

2025-06-09 ང་རང་
གཅིག་ཡག་དུ
2025-06-09 ཤེད་བུ།
2025-06-08 ཧ་ཧ་ཧས།
ཁྱོད་རང་གཅེར་བུ་ཡིན་སྟབས། སྙན་ཐུང་གི་ཁུ་བ་གཉིས་ཀ་མཚན་མའི་ཕྱི་ལོགས་སུ་ཤོར་འདུག 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།