Back To Top

ཆར་གྱི་ཐིགས་པ།

ཁ་བ་སྙིང་ལྕགས་ཀྱི་རྩོམ་ཧྥ་འགྱུར་མ།

བཀླགས་གྲངས། 1755

ཆར་གྱི་ཐིགས་པ།

ཁ་བ་སྙིང་ལྕགས་ཀྱིས་བརྩམས་ལྷ་བྱ་དཀར་པོས་ཧྥ་སྒྱུར་ཞུས།

ཆར་གྱི་ཐིགས་པ་འདི་དག
རླངས་པས་དེད་ནས་ཡུན་རིང་ཕྱིན་མཐར།
ཕ་ཡུལ་དྲན་པའི་སྐྱོ་གདུང་མ་ཐེག་པར།
ལྷགས་རླུང་ཞིག་ལྡང་པའི་གོ་སྐབས་དང་བསྟུན་ནས།
ཕྱིར་རང་ཡུལ་དུ་བབས་བྱུང་།
Ces gouttes de pluie
Chassées au loin par la vapeur
N’ont pas touché la nostalgie
Du pays natal
Et ont profité du vent levé
Pour retourner tomber chez elle.

ཆར་ཐིགས་འདི་དག་ས་འདམ་གྱི་ཁྲོད་དུ་ལྷུང་རྗེས།
ཟེགས་མ་མང་པོར་གྱེས་ཏེ།
ཕྱིར་བར་སྣང་དུ་འཕྱོ་ཙམ་གནང་བ་ནི།
ཕ་ཡུལ་དུ་ལོག་པའི་སྤྲོ་དགའ་མཚོན་བྱེད་དུ།
གར་བྱེད་པ་དང་མཚུངས།
Ces gouttes de pluie tombées
Dans la boue
Se sont multipliées en nombreux atomes
Qui se projettent à nouveau dans le ciel
On dirait qu’ils dansent pour montrer
Leur joie du retour au pays natal.

ཁྱེད་ཀྱང་ཆར་ཐིགས་ཤིག་ཏུ་སྤྲུལ་ནས།
གངས་རི་དང་འཁྱགས་ཀླུང་བརྒལ་ཏེ།
ངའི་མགོ་ཐོག་གི་ནམ་མཁའ་རུ་ཕེབས་ཤིང་།
དེ་ནས་ཤག་ཤག་ཏུ་བབས་བྱུང་ན་ཅི་མ་རུང་།
གནས་འདི་རུ་ཁྱེད་ཀྱི་ཕ་གཞིས་ཀྱང་ཡོད་ཨང་།
Transformez-vous en goutte de pluie
Traversez neiges éternelles et glaciers
Et venez dans le ciel au-dessus de ma tête
Puis tombe comme si pas hésitation
Ici vous avez aussi votre héritage.

2023-12-11 Gp
❤️❤️
2023-03-27 ཇག་ལྷ།

2023-03-25 ཤེད་བུ།
2023-03-25 མཚམསྤྲིན།
2023-03-25 དམ་ཆོས་བསམ་འཕེལ།
ཆར་ཐིགས་རེ་རེ།
ས་ཐོག་ཏུ་འཐུམས པ་དེ།
མི་རབས་རེ་རེ་རྫོགས་བཞིན་རྟགས་རེད།

2023-03-25 བསྟན་དངོས།

བཀྲ་ཤིས་བདེ་ལེགས་ཞུ།
2023-03-24 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།