པའོ་ལྦར་ལེན་གྱིས་བརྩམས་དོན་གྲུབ་ཀྱིས་བོད་སྒྱུར་ཞུས།
Par Paul Verlaine (1844-1896)
བཀླགས་གྲངས། 631
Les sanglots longs
Des violons
De l’automne
Blessent mon coeur
D’une langueur
Monotone.
ངུ་སྐད་ཀྱི་རྒྱུ་བ་རིང་མོ།
སྟོན་ཁའི་ཨོག་ལེན་གྱི་པི་ཝང་དང་འགྲོག་སྟེ།
སྐྱོ་དབྱངས་ལ་འཐིམ་དུས།
བདག་གི་ཡ་ཆུང་སྙིང་ཁ།
མགྲིན་གཅིག་དབྱངས་བརྡའི་ཁྲོད།
རྨ་ཁས་གཙེས།
Tout suffocant
Et blême, quand
Sonne l’heure,
Je me souviens
Des jours anciens
Et je pleure;
ཡིད་གདུང་བས་རིད་ཅིང་།
དབུགས་འབྱིན་རྔུབ་དཀའ་དུས།
དུས་ཀྱི་ཅོང་བརྡ་བསྒྲགས་ཏེ།
བདག་བློའི་དྲན་ཤེས་ཀློང་དུ།
སྔར་སོང་གི་ལོ་ཟླ་དག་འཆར་བས།
མིག་ནས་མཆི་མ་བཞུར།
Et je m’en vais
Au vent mauvais
Qui m’emporte
Deçà, delà,
Pareil à la
Feuille morte.
དེས་ན།
བདག་ཐག་རིང་ལ་ཆད་འགྲོ།
ལྡང་བཞིན་པའི་རླུང་འཚུབ་ཁྲོད།
ཕར་ཚུར་སར་འཁྱེར་བའི།
ཤིང་ལོ་སྐམ་པོ་བཞིན།