Demain, dès l’aube, à l’heure où blanchit la campagne,
Je partirai. Vois-tu, je sais que tu m’attends.
J’irai par la forêt, j’irai par la montagne.
Je ne puis demeurer loin de toi plus longtemps.
སང་ཉིན་སྐྱ་རེངས་འཆར་བ་དང་གྲོང་ཁུལ་ལ་བཀྲག་མདངས་འཚེར་དུས།
ང་ཁྱོད་ཐུག་གར་འོང་། ངས་ཁྱོད་ཀྱིས་ང་སྒུག་ནས་བསྡད་ཡོད་པ་ཤེས།
ངས་ནགས་ཚལ་བཅད་རི་བོ་འགྲིམ་ཏེ་བསླེབ་འོང་།
ང་ཁྱོད་དང་བྲལ་ཏེ་ཡུན་རིང་འདུག་མི་འདོད།
བཀླགས་གྲངས། 768
Demain, dès l’aube
སང་ཉིན་གྱི་སྐྱ་རེངས།
བིས་ཌོར་ཧོའུ་གྷོ་ (Victor Hugo) ཡིས་བརྩམས།
དོན་གྲུབ་ཀྱིས་བསྒྱུར།
Demain, dès l’aube, à l’heure où blanchit la campagne,
Je partirai. Vois-tu, je sais que tu m’attends.
J’irai par la forêt, j’irai par la montagne.
Je ne puis demeurer loin de toi plus longtemps.
སང་ཉིན་སྐྱ་རེངས་འཆར་བ་དང་གྲོང་ཁུལ་ལ་བཀྲག་མདངས་འཚེར་དུས།
ང་ཁྱོད་ཐུག་གར་འོང་། ངས་ཁྱོད་ཀྱིས་ང་སྒུག་ནས་བསྡད་ཡོད་པ་ཤེས།
ངས་ནགས་ཚལ་བཅད་རི་བོ་འགྲིམ་ཏེ་བསླེབ་འོང་།
ང་ཁྱོད་དང་བྲལ་ཏེ་ཡུན་རིང་འདུག་མི་འདོད།
Je marcherai les yeux fixés sur mes pensées,
Sans rien voir au dehors, sans entendre aucun bruit,
Seul, inconnu, le dos courbé, les mains croisées,
Triste, et le jour pour moi sera comme la nuit.
ངས་བློ་རྩེ་བསྒྲིམས་ནས་མདུན་བསྐྱོད་བྱ།
ཕྱི་ངོས་འཇིག་རྟེན་གྱི་སྐད་སྒྲ་མེད་པར།
གྲོགས་མེད་ཁེར་རྐྱང་གྲགས་འགུལ་མེད་པར། སྟོད་སྒུར་སྒུར་ལག་ཀུང་ཀུང་།
སྐྱོ་གདུང་གིས་མནར་བས། ངར་མཚོན་ན་ཉིན་མོ་མཚན་ལ་སྣང་།
Je ne regarderai ni l’or du soir qui tombe,
Ni les voiles au loin descendant vers Harfleur,
Et, quand j’arriverai, je mettrai sur ta tombe
Un bouquet de houx vert et de bruyère en fleur.
ངས་སྲོད་ཁའི་གསེར་འོད་ཅན་གྱི་མཚམས་སྤྲིན་ལ་བལྟ་རྒྱུ་མིན་ལ།
ཐག་རིང་གི་གཡོར་གྲུ་ཧར་ཕོ་ལོར་ (Harfleur) བསྐྱོད་པའང་བལྟ་མི་འདོད།
ཡིན་ནའང་། ང་དེར་འབྱོར་སྐབས་ངས་ཁྱོད་ཀྱི་དུར་སའི་ཐོག་ཏུ།
གཉེན་སྟོན་གྱི་མེ་ཏོག་ཆུན་པོ་ཞིག་དང་བསྐལ་བཟང་མེ་ཏོག་ཅིག་འབུལ་ཆོག
མཆན། Victor Hugo ནི་དུས་རབས་ ༡༩ ནང་བྱུང་བའི་ཕ་རན་སིའི་སྙན་གྲགས་ཆེ་བའི་སྙན་ངག་པ་དང་ཆབ་སྲིད་པ། དེ་བཞིན་གཏམ་བརྗོད་ཟློས་གར་འཁྲབ་སྟོན་པ་ཞིག་ཀྱང་ཡིན། སྙན་ངག་འདི་ནི་རྩོམ་པ་པོས་ཕྱི་ལོ་ ༡༨༤༣ ལོར་སྐབས་དེར་ཆང་ས་བརྒྱབ་མ་ཐག་ཡིན་པའི་ཁོང་གི་བུ་མོ་ལེའོ་པོལ་ཏིང་ (Léopoldine) དང་བཟའ་ཟླ་རྣམ་གཉིས་སན་གཙང་པོའི་ཐོག་གྲུ་གཟིངས་གི་དོན་རྐྱེན་བྱུང་སྟེ། ཚེ་སྲོག་ཤོར་བར་ཡིད་གདུང་དྲག་པོས་མནར་ནས་ལོ་བཞི་སོང་རྗེས་བྲིས་པ་ཞིག་ཆགས་ཡོད།
བརྩམས་ཆོས་འདིའི་བརྗོད་དོན་གཏིང་ཟབ་ལ་རྗོད་བྱེད་ཚིག་སྦྱོར་ཧ་ཅང་གོ་དཀའ་བ་མ་ཟད། དེ་བཞིན། གུས་པ་ཕ་སྐད་ལ་དེ་ཙམ་སྦྱང་ཆ་ལེགས་པོ་མེད་རྐྱེན། ཚིག་སྦྱོར་དང་བསྒྱུར་གྱི་ཆར་སྐྱོན་གནད་མང་དག་ཅིག་ལྷག་ཡོད་སྲིད་པས། མཁྱེན་སྤྱོད་ཡངས་པའི་ཤེས་ཡོན་པ་རྣམ་པས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ཡོང་བ་ཞུ།།
མུ་མཐུད་ཤེས་བྱ་གསར་པ་ནང་འདྲེན་མཛོད།