Back To Top

སྙིགས་དུས་ཀྱི་དགེ་སྦྱོང་ཆེན་མོར་བསྟོད་པ།

སེངྒེས།

བཀླགས་གྲངས། 709

སྙིགས་དུས་ཀྱི་དགེ་སྦྱོང་ཆེན་མོར་བསྟོད་པ།

སེངྒེ

སྤྲུལ་སྐུའི་མིང་མེད་བླ་ཆེན་ཅང་མ་བཟོས།།
རྒྱལ་པོའི་སྲས་མིན་གདུང་སྲས་དེ་བས་མིན།།
བཤད་དང་སྒྲུབ་པ་ཁོ་ནས་དུས་འདའ་བའི།།
སྦས་པའི་རྣལ་འབྱོར་དམ་པ་འདི་ན་མཇལ།།


མིང་བྱང་མ་བསྙེགས་དོན་གྱི་མཚན་སྙན་བཞེས།།
སྔོན་གནས་མ་བཤད་ལུང་རིག་ཁྱུ་མཆོག་སྟེ།།
འགྲན་ཟླ་བྲལ་ཞིང་བླ་སྤྲུལ་ལས་ལྷག་པའི།།
ཤཱཀྱའི་དགེ་སྦྱོང་ཀུན་གྱིས་དབྱིག་ལྟར་བསྔཌ།


གོས་ཆེན་གསེར་མ་བསྣམས་ནས་ཕྱིར་མ་ངོམས།།
གསེར་བཙོའི་ཁ་དོག་འོད་ལས་གཟི་མདངས་ཆེ།།
གར་དགུའི་ཕྱག་རྒྱའང་ཁྲི་སྟེང་འགྱིང་མ་མཛད།།
ཚེ་གཅིག་བསླབ་གསུམ་སྙིང་པོ་སྒྲུབ་པས་འཁྱོང་།།


སྙིགས་དུས་ངུར་སྨྲིག་འཛིན་པ་གཙུག་གི་རྒྱན།།
ཐུབ་བསྟན་གསལ་བྱེད་དམ་པ་སྒྲ་གཅན་འཛིན།།
མཁས་གྲུབ་སྐུ་བརྙེས་རིག་འཛིན་རྒྱལ་བའི་སྲས།།
གྲུབ་དབང་བླ་མའི་ཞལ་སྐྱིན་ཁྱེད་ཁོ་ན།།


གྲུབ་པའི་གྲུབ་རྟགས་རྡོ་ལ་རྗེས་མེད་ཀྱང་།།
བསླབ་གསུམ་གཅེས་པའི་ཕྱག་རྗེས་རི་མོ་བཞག།
མཚན་སྙན་བ་དན་གཞན་དང་མ་མཉམ་ཡང་།།
ངུར་སྨྲིག་གར་ཁྱབ་ཁྱེད་ཀྱི་གཟི་མདངས་མཇལ།།

2023-03-28 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།