Back To Top

བར་དོའི་ཆོ་ངེ།

སྐྱེས་ནས་འཆི་ཁར་རང་དབང་ཡོད་པའི་ཆོས་ཀྱི་འཇིག་རྟེན་ཡེ་ནས་ནུབ།། 

ཕྱི་ཚུལ་སྣང་བ་ཇི་ཙམ་མཛེས་ཀྱང་བཅོས་མེད་རང་བྱུང་ཁམས་ཀྱིས་སྟོང་།།

གཟུགས་མེད་བརྩེ་བའི་སེམས་པ་མང་ཡང་ཁ་ཞེ་ཟོལ་མེད་བརྩེ་གདུང་ཆུང་།། 

རྒྱལ་ཁམས་འདི་རུ་ཡོད་ཚད་སྣང་ཡང་མེད་ཚད་གྲངས་ཀྱིས་བགྲངས་མ་ཆོད།། 

བཀླགས་གྲངས། 626

ས་སྲོད་རིང་བའི་དབྱར་མགོ་དེ་ལ་འོད་ཀྱི་ཞིང་ཁམས་མཐོང་ན་ཡང་།། 

ནམ་ལང་ཐོ་རངས་སྐྱ་བོ་དཀར་པོ་སེམས་ཀྱི་སྨྲེ་ངག་འདོན་ས་རེད།། 

ཡོད་སྡུག་གཅིག་ལ་མེད་སྡུག་གཉིས་ཡོད་ཆ་མི་སྙོམས་པའི་འཇིག་རྟེན་ལ།། 

དར་ཅིག་སྐྱིད་པའི་སྣང་ཚུལ་དེ་ཡང་ཁོ་བོར་མཚོན་ན་ཆོ་ངས་ཤིག། 

ཁ་ཆར་བུ་ཡུག་སྦྲེལ་འཚུབ་ཆེ་དུས་མི་ཡུལ་འདི་ནི་གྲང་མྱལ་ཞིག། 

མེ་ཏོག་ཁ་དོག་མེར་གྱིས་འགྱུར་ཚེ་བརྩེ་བའི་གྲོང་ཁྱེར་མིག་ནས་ཡལ།། 

ལོ་འདབ་རྙི་མོ་ལྷུང་སྟངས་བསམ་ན་སང་གི་འཇིག་རྟེན་མེད་པ་བཞིན།། 

ཡིད་གཏད་མེད་པའི་གནམ་གཤིས་དེ་དང་ང་ཡི་སེམས་པ་གང་གི་ལས།། 

2023-03-08 ལོ་མ་སེར་པོ།
རྡོརྗེ་ཕྲ་མེན་མའི་རིགས་ཀྱི་ཡི་གེ་པ་དག་ལ་ཤགས་ཤིག་འགྱེད་དགོས་པ་འདྲ།

ཤགས་འགྱེད།

རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།