མདོ་ལའི་འཁྱམས་པོས།
བཀླགས་གྲངས། 737
སྙིང་ཉེ་བ་ཚོ།
ས་མཐའ་འདིར།
ང་ཚོས་བོད་སྐད་དང་བོད་ཡིག་གིས་ལྟོ་གོས་ཀྱི་ཟ་མ་ཟ་ཐུབ་ཀྱིན་མེད།
ང་ཚོ་ལ་བོད་སྐད་དང་བོད་ཡིག་བཀོལ་སྤྱོད་དང་ཁྱབ་ཚད་ཀྱི་ཁོར་ཡུག་མེད།
འོན་ཀྱང་།
ང་ཚོ་ས་མཐའ་འདིར།
བོད་སྐད་དང་བོད་ཡིག་གི་གང་སར་འགྲོ་རོགས་དང་ཁྱིམ་ནས་འདུག་རོགས་ཡིན།
ང་ཚོ་ས་མཐའ་འདིར།
བོད་སྐད་དང་བོད་ཡིག་གི་རྒྱབ་མདུན་ནས་སྐྱོར་རོགས་དང་གཡས་གཡོན་ནས་ལང་རོགས་ཡིན།།
ང་ཚོ་ས་མཐའ་འདིར།
བོད་སྐད་དང་བོད་ཡིག་གི་སྐྱིད་ན་དགའ་རོགས་དང་སྡུག་ན་སྐྱོ་རོགས་ཡིན།
ང་ཚོ་ས་མཐའ་འདིར།
བོད་སྐད་དང་བོད་ཡིག་ནི་འཚོ་བའི་ནང་གི་གསོན་རོགས་དང་ཚེ་མཇུག་གི་དུས་ན་འཆི་རོགས་ཡིན།
དེས་ན།
ང་ཚོ་ལ་རང་གི་ཚོད་ཀྱི་བོད་སྐད་དང་བོད་ཡིག་གི་རིན་ཐང་དང་ཁྱད་ཆོས། ཐོབ་དང་གོ་ས་ཡོད།
ང་ཚོ་ལ་བོད་སྐད་དང་བོད་ཡིག་གི་རང་ཉིད་མཚོན་བྱེད་ཀྱི་ངོ་རྟགས་དང་གདོད་མའི་རྒྱུད་རྫས་ཀྱི་ལས་དབང་ཡོད།
༢༠༢༣ ༡༠ ༢༥
ཕེབས་བསུ་ཞུ།