མདོ་ལའི་འཁྱམས་པོ།
སྐྱེས་ཤིང་རྒུད་པ་གང་གིས་ཕྱིར་ཟློག་ཅིག་མེད་ཀྱང་།།
རྟག་བརྟན་སྣང་བའི་ཁྲོད་ནས་གསོན་ལ་རེ་ནས་སྡོད།།
མགོ་ལ་སྐྱིད་སྡུག་གང་ཡོང་སུ་ཡིས་ཆ་མ་འཚལ།།
སྲོག་དབུགས་ཕྲེང་ཐག་འདྲ་བོ་ནམ་ཆད་ཅིག་མི་ཤེས།།
ད་དུང་མི་ཁོམ་འདུར་འདུར་རྒྱུག་པ་འདི་མཐའ་མེད།།
བསམ་ཞིང་བསམ་ན་མི་ཚེར་སྙིང་པོ་ཞིག་འདུག་གམ།།
༢༠༢༣ ༡༠ ༢༩
བཀླགས་གྲངས། 736